༼ སི་བོད༽སྔར་གྱི་སྦྲ་གུར་སློབ་གྲྭ། དེང་གི་མེ་ཏོག་ལྡུམ་ར།

中职 作者:四川省藏文学校 2021-06-09 23:16:21

  ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུ་ཆེད། དེ་རིང་ནས་ངེད་གངས་ལྗོངས་ཉི་གཞོན་བཅར་འདྲི་ཚོ་ཆུང་སི་ཁྲོན་བོད་འབྲེལ་ས་ཁུལ་དུ་སྐྱོད་དེ། རླབས་ཆེན་ཏང་གི་ཉི་ཟེར་འོག་སི་ཁྲོན་བོད་འབྲེལ་ས་ཁུལ་གྱི་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འཕོ་འགྱུར་ལ་རྒྱུས་ལོན་བྱེད་ཞོར། ཞིང་འབྲོག་མང་ཚོགས་ཀྱི་སེམས་ཁོང་ནས་བརྡོལ་བའི་སྙིང་གཏམ་དྲོན་མོ་རེ་རེ་ལ་ཉན་ཞིང་། སྤྲོ་སྐྱིད་ལྡན་པའི་འཚོ་བའི་གྲུ་ཁ་རེ་རེ་ལ་ལྟ་བཞིན། དྲོད་ཁོལ་གྱིས་གཏམས་པའི་གཏམ་རྒྱུད་གྱ་ནོམ་པ་ཞིག་སྤེལ་རྒྱུ་ཡིན།

   སློབ་རའི་ཁོར་ཡུག་མཛེས་ཤིང་སྡུག སློབ་སྦྱོང་གྲུབ་འབྲས་གཡུར་དུ་ཟ། སྤྱི་ཟླ་6པའི་ཚེས་6ཉིན། ངེད་གངས་ལྗོངས་ཉི་གཞོན་བཅར་འདྲི་ཚོ་ཆུང་གཙུག་ལག་རིག་པའི་ལྟེ་གནས་ཏེ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་རུ་འབྱོར་ཞིང་། ད་ལོ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་དགའ་འོས་པའི་ལོ་འདི་ལ། ཏག་ཏག་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་བཙུགས་ནས་ལོ་ངོ་40འཁོར་བ་དང་འཁེལ་འདུག །འདི་ནི་སློབ་གྲྭ་དེར་མཚོན་ན་དེ་ལས་ཀྱང་དགའ་འོས་པའི་ལོ་ཞིག་རེད། དེ་བས་སློབ་གྲྭས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་སློབ་གྲྭ་བཙུགས་ནས་ལོ་ངོ་40འཁོར་བའི་དགའ་སྟོན་གྱི་གྲ་སྒྲིག་གྱ་ནོམ་པ་ཞིག་བྱེད་བཞིན་འདུག་སྟེ། སློབ་ཁང་དང་དངོས་སྦྱོང་ཁང་། བྱེད་སྒོ་ལྟེ་གནས། སློབ་མའི་ལུས་རྩལ་ར་བ་སོགས་ཚད་དང་ལྡན་པ་བསྐྲུན་ཞིང་། ལྷག་པར་དུ་བོད་ཀྱི་གསོ་བ་རིག་པ་དང་བཟོ་རིག་པའི་འགྲེམ་སྟོན་ཁང་། དེ་བཞིན་སློབ་མའི་དཔེ་ཀློག་ཁང་སོགས་ཚད་ལྡན་ཚུལ་མཐུན་དུ་སྐྲུན་བཞིན་པར་མ་ཟད། ཁོར་ཡུག་མཛེས་བཟོ་སོགས་ཀྱི་ཐད་ལའང་འགྱུར་ལྡོག་ཆེན་པོ་གཏོང་བཞིན་འདུག

  


སློབ་རའི་མཛེས་སྡུག

ནང་གི་བཀོད་པ།

རྒྱུས་ལོན་བྱུང་བ་ལྟར་ན། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནི་བོད་ཀྱི་བཅུ་ཕྲག་རིག་གནས་ཀྱིས་རྩ་བ་དང་དེང་རབས་རིག་གནས་ཀྱིས་ཟུར་བརྒྱན་པའི་གནའ་དེང་ཟུང་དུ་འབྲེལ་བའི་སློབ་གྲྭ་ཞིག་རེད་ལ།སྤྱི་ལོ་1981ལོ་སྡེ་དགེ་རྫོགས་ཆེན་ཤྲཱི་སེང་དུ་བཙུགས། སྐབས་དེར་སློབ་མ་80ཙམ་དང་དགེ་རྒན་ལས་བཟོ་པ་20ལྷག་ཡོད་པ་ནས་ད་ལྟ་ད་ཡོད་སློབ་མ་1600ལས་བརྒལ་ཞིང་། དགེ་རྒན་ལས་བཟོ་པ་60ལྷག་ཏུ་འཕར་བ་དང་།སློབ་ཁང་དང་སློབ་མའི་མལ་ཁང་སྦྲ་གུར་ཡིན་པ་ནས་དེང་དུས་སྨྱན་མང་གཟུགས་སོགས་དེང་རབས་ཀྱི་ཡོ་བྱད་ལྡན་པའི་སློབ་ཁང་དང་།ཆ་རྐྱེན་ལེགས་ཤིང་ཚར་དུ་དངར་བའི་སློབ་མའི་མལ་ཁང་དུ་གྱུར་ཡོད་ལ།བགྲང་བྱ་བཞི་བཅུའི་རིང་བོད་འབྲེལ་ས་ཁུལ་གྱི་ཞིང་འབྲོག་མང་ཚོགས་ལ་ཕན་པ་ཆེ་བའི་ཤེས་ལྡན་མི་སྣ་ཁྲི་གཅིག་ལྷག་སྐྱེད་སྲིང་བྱས་ཡོད།སྔར་འབྲོག་པའི་མཚེར་ས་ལྟར་གནས་སྤོ་གང་མང་བྱས་ཟིན་པའི་སྦྲ་གུར་སློབ་གྲྭ་ཞིག་དེང་དུས་རྒྱ་ཁྱོན་ཆེ་ཞིང་།ཆ་རྐྱེན་ལེགས་པའི་དེང་རབས་ཅན་གྱི་སློབ་གྲྭ་ཕུལ་བྱུང་ཞིག་ལ་གྱུར་པ་འདི་ནི་བློ་ཡུལ་ལ་ཤོང་དཀའ་ཡང་།སྤྱོད་ཡོན་གཉིས་ལྡན་གྱི་དགེ་སློབ་ཚོ་དང་ལྡུམ་ར་ལྟར་མཛེས་པའི་ཁོར་ཡུག་སོགས་མཐོང་རྗེས་ཡིད་སེམས་དབང་མེད་དུ་ཤོར།

སྦྲ་གུར་ནང་དུ་སློབ་ཁྲིད་བྱེད་བཞིན་པ།


དེང་གི་སྨྱན་མང་གཟུགས་སྤྱད་ནས་སློབ་ཁྲིད་བྱེད་བཞིན་པ།

སྔོན་མའི་སྦྲ་གུར་སློབ་གྲྭའི་དགེ་རྒན་རྣམ་པས་སློབ་ཁྲིད་ཀྱི་ལས་དོན་སོགས་ཀྱི་ཐད་ལ་གྲོས་མོལ་གནང་བཞིན་པ།

སློབ་གྲྭའི་ཏང་ཨུའི་རྩ་འཛུགས་འོག་ན་གཞོན་དགེ་རྒན་ཚོས་འབྲེལ་ཡོད་སྲིད་ཇུས་ལ་སློབ་སྦྱོང་བྱེད་བཞིན་པ།

སྔོན་གྱི་ལུས་རྩལ་ར་བའི་ནང་ལུས་རྩལ་རྩེ་བཞིན་པ།

ད་ལྟའི་སྣ་འཛོམས་ཐོག་ཁང་ཆེན་མོ་རུ་བྲོ་གར་འཁྲབ་བཞིན་པ།

སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་ཆེས་ཐོག་མའི་དགེ་རྒན་རྣམ་པའི་མཉམ་པར།

སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་དགེ་རྒན་རྣམ་པའི་མཉམ་པར།


སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་ཆེས་ཐོག་མའི་མཐར་ཕྱིན་སློབ་མའི་མཉམ་པར།

སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་༢༠༡༨ལོའི་མཐར་ཕྱིན་སློབ་མའི་མཉམ་པར།


   སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་སློབ་གཙོ་འཇམ་བློས་ད་ལོ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་རེད་ལ།ཏག་ཏག་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་བཙུགས་ནས་ལོ་ངོ་40འཁོར་བ་རེད། ཏང་དང་རྒྱལ་ཁབ་ཀྱི་ཇུས་བཟང་ལ་བརྟེན་ནས་སློབ་གྲྭ་བཙུགས་ནས་ད་བར་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད་པས།ང་ཚོས་ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་ཚོར་བཞིན་ཡོད་ལ། ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་དགའ་སྟོན་རྟེན་འབྲེལ་ཞུ་ཆེད། ངེད་སློབ་གྲྭས་ལོ་ངོ་བཞི་བཅུའི་གཡུར་དུ་ཟ་བའི་གྲུབ་འབྲས་འགྲེམ་སྟོན་བྱ་རྒྱུ་ཡིན། མིག་སྔའི་སློབ་གྲྭའི་འཛུགས་སྐྲུན་དང་དོ་དམ། སློབ་གསོ།ཆེད་ལས་འཛུགས་སྐྲུན་སོགས་ཕྱོགས་ཡོངས་ནས་འགྲེམ་སྟོན་འདི་སྤེལ་ཆོག་གི་ཡོད་ཅེས་ཟེར།


སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་རྫོགས་ཆེན་སློབ་ར།

སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་བར་སྨད་སློབ་ར།

སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་རྟའུ་སློབ་ར།

སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་དར་མདོའི་སློབ་ར།

དེང་དུས་ཀྱི་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་སློབ་ར།



ཡོང་ཁུངས། གངས་ལྗོངས་ཉི་གཞོན།

རྩོམ་སྒྲིག་པ།  འོད་ཞགས། ཚེ་རིང་གཡང་མཚོ།

ཡིག་ཟམ། 451699375 @qq.com

འབྲེལ་གཏུག་ཁ་པར། 0836-2822370

关注公众号:拾黑(shiheibook)了解更多

友情链接:

关注数据与安全,洞悉企业级服务市场:https://www.ijiandao.com/
安全、绿色软件下载就上极速下载站:https://www.yaorank.com/
找律师打官司就上碳链网:https://www.itanlian.com/

限时推广:让每一个问题都有答案:https://ask.0xu.cn
公众号 关注网络尖刀微信公众号
随时掌握互联网精彩
赞助链接